སྣོད་བཅུད་ཆགས་ཙམ་ཉིད་ནས་བྱུང་བ་ཡི། །
ཕན་གནོད་ཤེས་པ་གདོད་མའི་སྙན་བརྒྱུད་དང་། །
གཤེན་རབ་མི་བོ་དཔྱད་ཁྲ་ཁྲི་ཤེས་སོགས། །
གཡུང་དྲུང་གཉུག་མའི་སྨན་རྣམས་རྒྱལ་གྱུར་ཅིག །
བཙན་པོའི་གདུང་རྒྱུད་ཐོ་རི་གཉན་བཙན་ནས། །
དུང་གི་ཐོར་ཅོག་ཅན་སོགས་གནང་རིགས་ཀྱི། །
༧བླ་སྨན་གཙོ་བོ་ཟུང་འབྲེལ་མུ་ཏིག་འཕྲེང་། །
གནང་རིགས་ལྷ་རྗེའི་གདུང་རབས་ཚོགས་ཀྱིས་སྐྱོང་། །
གངས་་ཅན་སྨན་པའི་ཁྱུ་མཆོག་གཡུ་ཐོག་པ། །
མཁས་པ་མི་དགུ་བྱང་ཟུར་ལ་སོགས་པ། །
གསོ་རིག་བསྟན་པ་རྒྱས་པར་མཛད་པ་ཡི། །
སྤུ་རྒྱལ་ལྷ་རྗེའི་ཚོགས་རྣམས་ཕྱག་གི་གནས། །

No comments:
Post a Comment