མངལ་འཛིན་པའི་དུས།

 མངལ་འཛིན་པའི་དུས

མངལ་འཛིན་པའི་དུས་ནི། ཟླ་མཚན་འབབ་ནས་ཞག་མ་བཅུ་གཉིས་ཀྱི་བར་དུ་མངལ་མི་ལེན་པ་དང་།  དེ་ནས་བཅུ་གསུམ་པ་ནས་གཅིག་ཅེས་བརྩིས་ཏེ། གཅིག་པ་དང་གསུམ་པ་དང་ལྔ་པ་དང་བདུན་པ་དང་དགུ་པབཅས་སུ་ཕ་མ་གཉིས་ཀྱི་ཉལ་བོ་བྱས་ཚེ་བུ་སྐྱེ་སྲིད་པ་དང་།  གཉིས་པ་དང་བཞི་པ་དང་དྲུག་པ་དང་བརྒྱད་པ་བཅས་ལ་བུ་མོ་སྐྱེ་བ་ཡིན་ཏེ།

 བཤད་རྒྱུད་ལས།  མངལ་ཁ་བྱེ་ནས་ཞག་ནི་བཅུ་གཉིས་བར།།  དང་པོའི་ཞག་གསུམ་བཅུ་གཅིག་བུ་མི་ལེན།།  གཅིག་གསུམ་ལྔ་བདུན་དགུ་ལ་བུར་འགྱུར་དེ།།  གཉིས་དང་བཞི་དྲུག་བརྒྱད་ལ་བུ་མོར་འགྱུར།།  ཉི་མ་ནུབ་པས་པདྨའི་ཁ་ཟུམ་བཞིན།།  བཅུ་གཅིག་འདས་ནས་ཁུ་བ་མངལ་མི་ལེན།། ཞེས་སོགས་གསུངས་ཡོད། རྒྱུད་ཀྱི་ཚིག་འདི་ལ་འགྲེལ་ཚུལ་མི་འདྲ་བ་དང་དགོངས་པ་ལེན་སྟངས་མི་འདྲ་བ་ཡོད་ན་ཡང་། དོན་དངོས་སུ། མངལ་ཆགས་པ་ལ་ཁྲག་སྨིན་ནས་རྩ་ཆེན་གཉིས་ཀྱི་ནང་དུ་འགྲོ་དགོས་པ་རེད།  དེ་བས་ན། ་ཟླ་མཚན་བབས་ནས་ཞག་བཞི་པ་ནས་བརྩིས་ཏེ་གཅིག་གསུམ་ལྔ་བདུན་དགུ་ལ་བུར་འགྱུར་བ་དང་། གཉིས་དང་བཞི་དྲུག་བརྒྱད་ལ་བུ་མོར་འགྱུར་བར་འགྲེལ་ན་འགྲིགས་མི་སྲིད་པ་རེད།      

 ད་དུང་ཟླ་མཚན་འབབ་པའི་དུས་དེ་ནས་ཡང་བསྐྱར་ཁམས་ཀྱི་འཁོར་ལོ་གསར་བ་ཞིག་གི་མགོ་འཛུག་གི་ཡོད་ལ། དེ་ནས་ཞག་གཅིག་གཉིས་གསུམ་བཅས་ཀྱི་རིང་ལ་དེའི་ཡར་སྔོན་དུ་བསགས་བཞག་པ་དག་གྲོད་ཁོག་བཤལ་བ་བཞིན་བཤལ་འགྲོ་བ་ཡིན། དེའི་རྗེས་ཀྱི་ཞᨵᨵ᫥᩶ག་མ་བཅུ་ཡས་མས་ཀྱི་བར་དུ་ད་དུང་ཁྲག་སྨིན་མེད་པའི་མངལ་མི་ཆགས་པའི་དུས་ཡིན་པ་འདྲ།

མདོར་བསྡུས་ཏེ་བཤད་ན། ཟླ་མཚན་འབབ་ནས་ཞག་མ་བཅུ་གཉིས་ཀྱི་བར་དུ་མངལ་མི་ལེན་པ་དང་།  དེ་ནས་བཅུ་གསུམ་པ་ནས་བཟུང་ཞག་གྲངས་བཅུ་ཡས་མས་གྱི་རིང་ཉ་ལ་བོ་བྱས་ཚེ་ཕྲུ་གུ་འཁོར་སྲིད་པའོ། །  

No comments:

Post a Comment